当前位置: 本站首页>>传承发展>>正文
 
 
 
སྒོ་ཕྱུགས་ཀྱི་ཡོ་བྱད་འདི་དག་མཐོང་མྱོང་ངམ།
2019-04-23 08:27  :藏地阳光

ཡོ་ཆས་འདི་ནི་ལི་དང་རག ལྕགས། ར་སྤུ། རྩིད་པ། ཁུ་ལུ་སོགས་ལས་བཟོས་ལ། རྨོན་མཛོའི་སྐེ་ལ་འདོགས་བྱེད་ཀྱི་རྒྱན་ཆ་ཡིན་ནོ། །

(1) ཏིང་ཐག ཨེར་ཐག (2) ཆ་རུ། (3) རྔ་དམར། (4) རྔ་འཛར། (5) དྲིལ་བུ། (6) ལྕེ།

2

སྐེ་དྲིལ།

 

                                                               (1) ཏིང་ཏིང་། དྲིལ་བུ། (2) ཏིང་ཐག ཨེར་ཐག (3) ཆ་རུ། (4) རྔ་དམར། (5) ལྕེ། (6) ཨེར་ཁ།  (7) ཆ་ལུང་།

 

 

 

3

སྐེ་དྲིལ།

ཡོ་ཆས་འདི་ནི་ལི་དང་རག ལྕགས། ར་སྤུ། རྩིད་པ། ཁུ་ལུ་སོགས་ལས་བཟོས་ལ། རྨོན་མཛོའི་སྐེ་ལ་འདོགས་བྱེད་ཀྱི་རྒྱན་ཆ་ཡིན་ནོ། །

    (1) ཏིང་ཏིང་། དྲིལ་བུ།  (2) ཏིང་ཐག ཨེར་ཐག (3)ཆ་རུ། (4) ཆ་ལུང་།

4

སྐེ་རྒྱན།

མིང་གཞན་ལ་སྐེ་སྐོར་མིག་མ་ཟེར་ཞིང་། ཡོ་ཆས་འདི་ནི་རྩིད་པ་དང་ཁུ་ལུ་ལས་བཟོས་ལ། གཡག་དང་རྨོན་མཛོའི་སྐེ་ལ་འདོགས་བྱེད་ཀྱི་རྒྱན་ཆ་ཡིན་ནོ། །

     (1) སྐེ་ཐག (2) ཆ་རུ།  (3) རྔ་དམར། (4) རྔ་འཛར།

5

སྐེ་རྒྱན།

མིང་གཞན་ལ་སྐེ་སྐོར་ཟེར་ཞིང་། ཡོ་ཆས་འདི་ནི་རྩིད་པ་དང་ཁུ་ལུ་ལས་བཟོས་ལ།  གཡག་དང་རྨོན་མཛོའི་སྐེ་ལ་འདོགས་བྱེད་ཀྱི་རྒྱན་ཆ་ཡིན་ནོ། །

     (1)སྐེ་ཐག (2) ཆ་རུ།  (3)རྔ་དམར། (4) རྔ་འཛར། (5) ཆ་ལུང་།

6

སྐེ་རྒྱན།

མིང་གཞན་ལ་སྐེ་སྐོར་ཟེར་ཞིང་། ཡོ་ཆས་འདི་ནི་རྩིད་པ་དང་ཁུ་ལུ་ལས་བཟོས་ལ། གཡག་དང་རྨོན་མཛོའི་སྐེ་ལ་འདོགས་བྱེད་ཀྱི་རྒྱན་ཆ་ཡིན་ནོ། །

     (1)སྐེ་ཐག (2) ཆ་རུ།  (3)རྔ་དམར། (4) ཆ་ལུང་།

7

སྣ་སྦྲེལ།

མིང་གཞན་ལ་འདོགས་ཐག་དང་སྦྲེལ་ཐག་ཟེར་ཞིང་། ཡོ་ཆས་འདི་ནི་སྤུ་རྩིད་དང་ཤིང་། ཁུ་ལུ་ལས་བཟོས་ལ། ས་ཞིང་རྨོ་དུས་རྨོན་མཛོ་གཉིས་ཀྱི་སྣ་གཅུ་སྦྲེལ་ཏེ་རྨོན་མཛོ་གཉིས་ཚོད་འཛིན་བྱེད་པའི་ནུས་པ་ཐོན་ནོ། །

   (1) སྣ་ཐག  སྣ་ཐིག (2) ཆ་རུ།  (3) རྔ་དམར། (4) རྔ་དཀར།

8

འུར་རྡོ་ཆུ་མིག་དགུ་སྒྲིལ།

ཡོ་ཆས་འདི་ནི་བལ་དང་ཁུ་ལུ་ལས་བཟོས་ལ། ཕྱུགས་དང་ར་ལུག་འདེད་བྱེད་དང་སྣ་སློག་བྱེད་ཀྱི་ལག་ཆ་ཡིན་ནོ།

9

འུར་རྡོ་ཆུ་མིག་དགུ་སྒྲིལ།

ཡོ་ཆས་འདི་ནི་བལ་དང་ཁུ་ལུ་ལས་བཟོས་ལ།  ཕྱུགས་དང་ར་ལུག་འདེད་བྱེད་དང་སྣ་སློག་བྱེད་ཀྱི་ལག་ཆ་ཡིན་ནོ། །

    (1) འུར་སྟོད། (2) འུར་སྨད། (3) འུར་མཐིལ།(4) འུར་ལྕག (5) རྩབ་ཏོག

10

ལྟོ་ཕད།

མིང་གཞན་ལ་རྒྱགས་ཕད་ཟེར་ཞིང་། ཡོ་ཆས་འདི་ནི་སྤུ་རྩིད་དང་བལ། ཁུ་ལུ་བཅས་ལས་བཟོས་ལ། ཐོང་མཁན་དང་ལུག་རྫིའི་བཟའ་བཅའ་དང་ཕོར་པ་སོགས་འཇོག་བྱེད་ཀྱི་ཡོ་བྱད་ཡིན་ནོ། །

 

11

ལྟོ་ཕད།

མིང་གཞན་ལ་རྫི་སྒྱེ་དང་འུར་རྡོ། རྒྱགས་ཕད་ཟེར་ཞིང་། ཡོ་ཆས་འདི་ནི་སྤུ་རྩིད་དང་འབྲི་གཡག་གི་ཁུ་ལུ། སྣམ་བུ་བཅས་ལས་བཟོས་ལ། རྫི་བོའི་བཟའ་བཅའ་དང་ཕོར་བ་སོགས་འཇོག་བྱེད་ཀྱི་ཡོ་བྱད་ཡིན་ནོ། །

12

ཚྭ་ཕད།

ཡོ་ཆས་འདི་ནི་ཀོ་བ་ལས་བཟོས་ལ། གནག་ཕྱུགས་ལ་སྟེར་བྱེད་ཀྱི་རྩམ་པ་དང་ཚྭ་སོགས་འཇོག་བྱེད་ཡིན་ནོ། །

13

ཁ་རུ།

 ཡོ་ཆས་འདི་ནི་ཤིང་དང་རྩིད་པ་ལས་བཟོས་ལ། འབྲི་ཕྲུག་སོགས་ཀྱིས་འབྲི་ཨ་མའི་འོ་མ་འཐུང་མི་ཐུབ་པའི་ཆེད་དུ་འབྲི་ཕྲུག་གི་ཁ་ལ་གཡོག་བྱེད་ཡིན་ནོ། །

14

 བེའུ་གདང་།

 ཡོ་ཆས་འདི་ནི་རྩིད་པ་དང་ཤིང་ལས་བཟོས་ལ། གཡག་གུ་དང་འབྲི་ཕྲུག་མང་པོ་སྟར་བསྒྲིགས་ཏེ་འདོགས་བྱེད་ཡིན་ནོ། །

15

གཡག་གདང་དང་མཛོ་གདང་།

   ཡོ་ཆས་འདི་ནི་རྩིད་པ་དང་ཤིང་ལས་བཟོས་ལ། འབྲི་གཡག་དང་མཛོ་མང་པོ་སྟར་བསྒྲིགས་ཏེ་འདོགས་བྱེད་ཡིན་ནོ། །

16

མགོ་རྔར།

མིང་གཞན་ལ་ལྟག་རྔར་ཟེར་ཞིང་། ཡོ་ཆས་འདི་ནི་རྩིད་པ་དང་ཐག་པ། སྤུ། སྣམ་བུ། རས། ཨེར་ཁ་སོགས་ལས་བཟོས་ལ། སོ་ནམ་བྱེད་དུས་གཡག་དང་མཛོ་གླང་གི་མགོ་ལ་གཡོགས་བྱེད་ཀྱི་རྒྱན་ཆ་ཡིན་ནོ། །

   (1)རྔ་ཏོག(2)རྔ་དམར།(3)གཞི་གདན།(4)ཨེར་ཁ།(5)བསྡམ་ཐག

17

 རྣ་འདོགས།

ཡོ་ཆས་འདི་ནི་རྩིད་པ་དང་ཀོ་ཐག སྤུ་བཅས་ལས་བཟོས་ལ། རྨོན་མཛོ་སོགས་ཀྱི་རྣ་བར་འདོགས་བྱེད་ཀྱི་རྒྱན་ཆ་ཡིན་ནོ། །

18

སོག་རྒྱན།

མིང་གཞན་ལ་དཔུང་རྒྱན་དང་སོག་དར་ཟེར། ཡོ་ཆས་འདི་ནི་རྩིད་པ་དང་བལ། སྣམ་བུ། རས། འགྲོན་བུ་སོགས་ལས་བཟོས་ལ། རྨོན་མཛོ་སོགས་ཀྱི་དཔུང་པར་གཡོགས་བྱེད་ཀྱི་རྒྱན་ཆ་ཡིན་ནོ། །

  (1)རྔ་མ།(2)སོག་ཁྲུལ།(3)རྔ་རིལ།(4)གཞི་གདན།(5)ཆ་རུ། (6)བསྡམ་ཐག(7)འགྲོན་བུ།

19

སོག་རྒྱན།

མིང་གཞན་ལ་དཔུང་རྒྱན་དང་སོག་དར་ཟེར། ཡོ་ཆས་འདི་ནི་རྩིད་པ་དང་བལ། སྣམ་བུ། རས། འགྲོན་བུ་སོགས་ལས་བཟོས་ལ། རྨོན་མཛོ་སོགས་ཀྱི་དཔུང་པར་གཡོགས་བྱེད་ཀྱི་རྒྱན་ཆ་ཡིན་ནོ། །

(1)རྔ་མ།(2)སོག་ཁྲུལ།(3)རྔ་རིལ།(4)གཞི་གདན།(5)ཆ་རུ། (6)བསྡམ་ཐག(7)འགྲོན་བུ།

 

上一条:全世界独一无二的西藏宫廷服饰唯一传承之地—卓尼
下一条:【碌曲非物质文化遗产藏鹰笛】一支神奇的鹰笛
关闭窗口
 
 学校首页 | 本站首页 | 科研教学 | 规章制度 | 开放课题 | 远程教学 | 藏区非遗 | 视频在线 

版权所有:藏区非物质文化遗产数字化保护技术研究重点实验室

甘肃民族师范学院